In the Shrine
མཆོད་ཁང་ནང་།
མཆོད་ཁང་ནང་།
བོད་བརྒྱུད་ནང་བསྟན་ནི་འབྲོག་པའི་འཚོ་བའི་ནང་ཆེས་མེད་དུ་མི་རུང་བའི་ཆ་ཡིན།བོད་བརྒྱུད་ནང་བསྟན་ནི་དགོན་པ་སོགས་ནས་མཐོང་ཐུབ་པ་མ་ཟད།མི་ཚང་རེ་རེའི་ཁྱིམ་གཞིས་ནང་ནས་ཡང་མཐོང་ཐུབ།
སྡེ་ཚན་འདིའི་ནང་དུ་གཙོ་བོ་ཆོས་ལུགས་དང་མཆོད་ཁང་སོགས་དང་འབྲེལ་བ་ཡོད་པའི་ཉིན་རྒྱུན་གྱི་འཚོ་བ་སྟེ།ཐང་ག་འབྲི་བ།ལི་མའི་ལྷ་སྐུ་བཟོ་བ།གསེར་མགར་དང་དངུལ་མགར།རྫ་ནག་གི་ལག་ཤེས་སོགས་འགྲེམས་སྤེལ་བྱས་ཡོད།ཉིན་རྒྱུན་གྱི་འཚོ་བའི་ཆ་འདི་དག་གིས་མདོ་དབུས་མཐོ་སྒང་གི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་དང་སྣ་ཚོགས་རང་བཞིན་མཚོན་ཡོད།
-
བོད་བརྒྱུད་ནང་བསྟན།བོད་ཀྱི་ནང་བསྟན་ལ་སློབ་གཉེར་དང་ལྟ་སྦྱོང་དང་། ལྷག་པར་དུ་མཚན་ཉིད་རིག་པའི་བལྟ་འཁྲིད་སྦྱོང་གསུམ་ཀྱི་སྲོལ་རྒྱུན་དེ་གཙོ་བོ་དགོན་སྡེའི་སློབ་གསོ་དང། ཆོས་ལུགས་ཆོ་ག་སྒོམ་སྒྲུབ་ཉམས་ལེན་སོགས་ལ་བརྟེན་ནས་དར་རྒྱས་སུ་གཏོང་བཞིན་ཡོད།མང་ཙམ་ལྟ་བ།
-
བྱིན་རླབས་ཅན་གྱི་རི་མོ།བོད་ཀྱི་ཐང་ག།བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་པ་དག་ལ་མཚོན་ན་ལྷ་ཡི་རི་མོ་འབྲི་བ་ནི་ཕྱག་མཆོད་འཕུལ་བའི་རྣམ་པ་ཞིག་རེད།རི་མོ་བ་ཤ་བོ་འབྲུག་རྒྱལ་དང་ཤ་བོ་ཐར་གཉིས་ཀྱིས་ཐང་ག་སྒྱུ་རྩལ་སྐོར་ལ་སྐད་གྲགས་ཆེ་ཤོས་ཀྱི་རེབ་གོང་ན་རི་མོ་འབྲི་བཞིན་ཡོད།ཐང་ག་མང་ཆེ་ཤོས་ནི་ཆོས་ལུགས་ཀྱི་རང་བཞིན་ལྡན་ལ།ཐང་ག་ནི་གཟིགས་རིས་ཀྱི་རྣམ་པའི་བསྟན་བཅོས་ཞིག་ཀྱང་ཡིན།མང་ཙམ་ལྟ་བ།
-
བྱིན་རླབས་ཅན་གྱི་འཇིམ་བཟོ།བོད་ཀྱི་ལི་མ།ཉི་མ་ལགས་ཀྱིས་སེམས་ཆུང་ངང་འཇིམ་པའི་ལྷ་སྐུ་ཆུང་ཆུང་ཞིག་གི་གཟུགས་པོ་བཟོ་བཞིན་འདུག།ཉི་མ་ལགས་ཀྱི་མཛུབ་གུའི་ལྷ་སྐུ་དེའི་སྤྱན་དང་ཁ།ལག་པ་ཆུང་ཆུང།སེན་མོ་སོགས་བཟོ་བཞིན་ཡོད།མང་ཙམ་ལྟ་བ།
-
གསེར་མགར་དང་དངུལ་མགར།གལ་ཏེ་ཁྱེད་རང་བོད་ཀྱི་རིག་གནས་ལ་བལྟ་སྐོར་སོང་མྱོང་ཚེ། ཆོས་ལུགས་དང་དགོན་སྡེས་བོད་མིའི་འཚོ་བའི་ཁྲོད་བཟུང་བའི་གནས་བབ་རྟོགས་ངེས།མང་ཙམ་ལྟ་བ།
-
རྫ་ནག་ལག་ཤེས།རྫ་ཆས་ཀྱི་རིགས་དེ་བོད་ཡུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བར་མ་ཟད། ཉིན་རྒྱུན་འཚོ་བའི་ཁྲོད། ཟས་སྣོད། ཆང་སྣོད། ཆུ་སྣོད། ཇ་སྣོད། པུར་སྣོད། སྡེར་མ། དཀར་ཡོལ་སོགས་ཀྱི་ཚབ་ཏུ་བཀོལ་བཞིན་ཡོད།མང་ཙམ་ལྟ་བ།
Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.