In the Tent
སྦྲ་གུར་ནང་།
སྦྲ་གུར་ནང་།
སྦྲ་གུར་ནི་འབྲོག་པ་ཚོར་མཚོན་ན་ཆེས་གལ་ཆེ་བའི་སྡོད་གནས་ཡིན་པའི་ཆ་ནས།སྦྲ་གུར་ཞེས་པའི་སྡེ་ཚན་འདི་ནི་འགྲེམས་སྟོན་གྱི་ཆེས་གལ་ཆེ་བའི་སྡེ་ཚན་ཡང་ཡིན།སྡེ་ཚན་འདིའི་ནང་དུ་གཙོ་བོ་སྦྲ་གུར་བཟོ་སྟངས་དང་།ལུག་པགས་སོགས་ནས་བོད་ལྭ་བཟོ་སྟངས།སེམས་ཅན་དང་རང་བྱུང་གི་ཐོན་ཁུངས་བེད་སྤྱོད་བྱས་ནས་ཟ་མ་བཟོ་སྟངས།ད་དུང་རྩེད་མོ་སྣ་ཚོགས་དང་སྦྲ་གུར་ཞིག་གི་ནང་ཆས་ཀྱི་བཀོད་འདོམས་བྱེད་སྟངས་སོགས་ཀྱི་སྲོལ་རྒྱུན་དག་འགྲེམ་སྟོན་བྱས་ཡོད།
ཉིན་རྒྱུན་གྱི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་འདི་དག་གིས་བོད་ཀྱི་འབྲོག་པ་ཚོས་ས་གཞི་དང།སེམས་ཅན།རིག་གནས་སོགས་ལ་ཡི་རང་དང་བསྔགས་བརྗོད་བྱེད་པ་མཚོན་ཐུབ་པ་མ་ཟད།ཁྱིམ་ཚང་གི་འདུམ་པ་དང་མི་སྡེ་བར་གྱི་འབྲེལ་བ།མདོ་དབུས་མཐོ་སྒང་གི་སྲོལ་རྒྱུན་མི་མཐུད་དུ་རྒྱུན་སྲིང་དང་དར་སྤེལ་བྱེད་པ་ཡང་མཚོན་ཐུབ།
-
སྦྲ་གུར་འཚེམ་བཟོ་དང་ནང་གི་བཀོད་པ།སྦྲ་གུར་འཚེམ་བཟོ་བྱ་རྒྱུ་ནི་འབྲོག་པའི་འཚོ་བའི་ཁྲོད་ཀྱི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཡིན་ལ། དེ་ནི་ཁྱིམ་ཚང་དང་ཤ་ཉེ་ཀུན་གྱི་འཚོ་བརྟེན་ཡིན་པར་མ་ཟད།མང་ཙམ་ལྟ་བ།
-
གྱོན་ཆས།བོད་པའི་གྱོན་ཆས་ལ་ཡུན་རིང་ཞིང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ལྡན། རིག་གནས་དང་ཁོར་ཡུག་མི་འདྲ་བས། གྱོན་ཆས་ལའང་རྣམ་པ་སྣ་ཚོགས་ཤིག་སྣང་།མང་ཙམ་ལྟ་བ།
-
བཟའ་བཏུང་གི་བསྐོར།འབྲོག་པའི་འཚོ་བའི་ཁྲོད་ནོར་ལུག་འཚོ་སྐྱོང་གི་རིག་གནས་དེས་གོ་གནས་ཧ་ཅང་གལ་ཆེན་ཞིག་བཟུང་ཡོད་ལ། དེ་ཡང་ནོར་ལུག་གི་ཐོན་རྫས་འཛད་སྤྱོད་བྱེད་ཐུབ་པའི་རྒྱུ་རྐྱེན་ཁོ་ན་མ་ཡིན་པར། དེས་ཚོང་ཟོག་བརྗེ་རེས་སོགས་ལ་འབྲེལ་བ་ཡོད།མང་ཙམ་ལྟ་བ།
-
དར་མ་དང་བྱིས་པའི་རྩེད་འཇོ།འབྲོག་ལས་ནི་འཚོ་བ་རོལ་སྟངས་གཞན་དང་མི་འདྲ་བར་ནམ་ཟླ་དང་བསྟུན་དགོས་ཤིང་། དེ་ཡང་དགུན་དུས་དང་དཔྱིད་དུས་ནི་གནམ་གཤིས་གྲང་ངར་ཆེ་བས། གངས་ཐན་སོགས་ཀྱི་རྐྱེན་གྱིས་འཚོ་བའི་འབྱུང་ཁུངས་ཏེ་རྩྭ་ཐང་བརླགས་པས་མུ་གེ་ཡོང་སྲིད་པ་དང་།མང་ཙམ་ལྟ་བ།
-
ཕོ་མོའི་གནས་བབས་ངལ་རྩོལ་བགོ་བྱ།སྦྲ་གུར་ནང་གི་བཞུགས་གྲལ་དང་གོ་རིམ་སྒྲིག་སྟངས་དེས་སྤྱི་ཚོགས་དང་རིག་གནས་ཁྲོད་ཀྱི་ཕོ་མོའི་འབྲེལ་བ་དང་ཐོབ་ཐང་མཚོན་གྱི་ཡོད།མང་ཙམ་ལྟ་བ།
Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.