On the Mountain
རྫ་ལུང་རི་ལུང་།
རྫ་ལུང་རི་ལུང་།
མདོ་དབུས་མཐོ་སྒང་གི་རི་མཐོ་ས་གཙང་གི་ས་ཡི་བཀོད་པ་ནི་འཛམ་གླིང་ན་སྐད་གྲགས་ཆེ།ཧི་མ་ལ་ཡའི་རང་བྱུང་གི་མཛེས་ཉམས་ཀྱིས་རྫ་ལུང་རི་ལུང་ན་འཚོ་བ་རོལ་བཞིན་པའི་འབྲོག་པའི་ཉིན་རྒྱུན་གྱི་འཚོ་བའི་སྲོལ་རྒྱུན་དེ་མདངས་བཅོམ་ཡོད།
སྡེ་ཚན་འདིའི་ནང་དུ་གཙོ་བོ་བོད་ལྷམ་བཟོ་སྟངས།ལྕི་བ་འཐུ་སྟངས།སེམས་ཅན་འཚོ་སྟངས།གླུ་ལེན་གར་རྩེད།མ་ནི་རྡོ་འབུམ།རྟ་རྒྱུགས་སོགས་ཀྱི་སྲོལ་རྒྱུན་སོགས་འགྲེམས་སྤེལ་བྱས་ཡོད།རྫ་ལུང་རི་ལུང་སྟེང་གི་ཉིན་རྒྱུན་གྱི་འཚོ་བའི་ཆ་འདི་དག་གིས་ཕྱི་ཡི་མི་རྣམས་ལ་གསལ་ཆ་མེད་པའི་བོད་ཀྱི་འབྲོག་པ་ཚོས་འཚོ་བའི་ཆ་དག་མཚོན་ཡོད།
-
ཕྱུགས་ཟོག་འཚོ་སྐྱོང་།འབྲོག་པར་མཚོན་ན། ཕྱུགས་ཟོག་འཚོ་སྐྱོང་ནི་ལས་ཀའི་སྲོག་ཤིང་ལྟ་བུར་གྱུར་ཡོད།མང་ཙམ་ལྟ་བ།
-
ཤིང་དང་ལྕི་བ་སོགས་འཐུ་བའི་རིག་གནས།འབྲོག་པ་མང་ཆེ་ཤས་མཐོ་སྒང་དང་རྩྭ་ཐང་དུ་འཚོ་སྡོད་བྱེད་པས་ན་སྡོང་བོ་མཐོང་རྒྱུ་དཀོན་པོ་ཡིན།མང་ཙམ་ལྟ་བ།
-
ལྷམ།ལུས་རྩལ་ལྷམ་སོགས་བཟོ་གྲྭ་ལས་ཐོན་པའི་ལྷམ་འབོར་ཆེན་དར་ཁྱབ་ཏུ་སོང་བ་རྐྱེན་གྱིས། བོད་པའི་སྲོལ་རྒྱུན་ལྷམ་རིགས་དེ་དག་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་གོན་ལྷམ་དུ་མ་གྱུར་ཀྱང་། ལོ་སར་དང་གཉེན་སྟོན་སོགས་དུས་ཆེན་བསྐལ་ཆེན་ལ་འཕྲད་དུས། བོད་པའི་འཇུར་རྟ་ཡང་རྒྱུན་པར་མཐོང་།མང་ཙམ་ལྟ་བ།
-
གླུ་ལེན།བོད་རིགས་མི་དམངས་ནི་གླུ་ལེན་ལ་དགའ་བའི་མི་རིགས་ཤིག་སྟེ། ཡིད་སེམས་བརྩེ་བ་ཟབ་མོ་རེ་རེ་གླུ་ངག་ལ་དྲངས་ནས་བསྟན་གྱི་ཡོད་ལ། གླུ་ལེན་གྱི་སྒྱུ་རྩལ་གྱི་མཚོན་ཐབས་མཐོ་ཤོས་སུ་བགྲངས་པས། གླུ་ལེན་རིག་གནས་ཀྱིས་འབྲོག་པའི་སྤྱི་ཚོགས་སུ་གོ་གནས་གལ་ཆེན་ཟིན།མང་ཙམ་ལྟ་བ།
-
མ་ཎི་རྡོ་བརྐོས།བོད་ཡུལ་དུ་ཡུལ་བསྐོར་བྱེད་དུས། མ་ཎི་རྡོ་བརྐོས་དེ་གང་སར་མཐོང་རྒྱུ་ཡོད་ལ། མ་ཎི་རྡོ་བརྐོས་ལ་དབྱིབས་དང་རིགས་ཀྱང་མི་འདྲ་བ་མང་པོ་ཡོད།མང་ཙམ་ལྟ་བ།
-
རྟ་རྒྱུག་གི་དུས་ཆེན།རྟ་རྒྱུག་རྒྱལ་འཇོག་ཞེས་པ་ནི་གླིང་གེ་སར་རྒྱལ་པའི་སྒྲུང་ཞིག་སྟེ་ཇོ་རུ་རྟ་རྒྱུག་ལ་བརྟེན་ནས་སེང་ཆེན་ནོར་བུ་དགྲ་འདུལ་གསེར་ཁྲི་རུ་འཁོད་པའི་སྒྲུང་ཞིག་རེད།མང་ཙམ་ལྟ་བ།
Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.